80479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་དག་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་དག་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གཉིས་ཡོད། རང་བཞིན་རྣམ་དག་ཡིན་ན། རྣམ་དག་ཡིན་པས་མ་ཁྱབ་སྟེ། དེ་དང་དོན་དམ་བདེན་པ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གློ་བུར་རྣམ་དག་ལ་དབྱེ་ན། ཉན་ཐོས་ཀྱི་རྣམ་དག རང་རྒྱལ་གྱི་དེ། བྱང་སེམས་ཀྱི་དེ། སངས་རྒྱས་ཀྱི་དེ་དང་བཞི་ཡོད། གང་ཟག་གི་བདག་འཛིན་སྤངས་པའི་ཉན་ཐོས་ཀྱི་བྲལ་བ་དེ། དང་པོའི་མཚན་ཉིད། དེ་དང་ཉན་ཐོས་དགྲ་བཅོམ་པའི་འགོག་བདེན་དོན་གཅིག ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའིི་རང་རྒྱལ་གྱི་བྲལ་བ་དེ། གཉིས་པའི་མཚན་ཉིད་ཡིན། དེ་དང་རང་རྒྱལ་དགྲ་བཅོམ་པའི་འགོག་བདེན་དོན་གཅིག མཐོང་སྤང་ཤེས་སྒྲིབ་སྤངས་པའི་བྱང་སེམས་ཀྱི་བྲལ་བ་དེ། གསུམ་པའི་མཚན་ཉིད། དེ་དང་བྱང་སེམས་ཀྱི་འགོག་བདེན་དོན་གཅིག བདེན་འཛིན་སྤངས་པའི་ཐེག་ཆེན་གྱི་བྲལ་བ་དེ། བཞི་པའི་མཚན་ཉིད། དེ་དང་སངས་རྒྱས་པའི་འགོག་བདེན་དོན་གཅིག་གོ །
Domain ཆོས་ལུགས།

{{#arraymap:རྣམ་དག་གསུམ་

|; |@@@ | | }}