80481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་དག་གི་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན། སྔགས། བྱ་རྒྱུད། ཕྱི་རྒྱུད་ཀྱི་ཆོ་གར་གཏོགས་པའི་རྣམ་དག་གི་ལྷའི་རྟེན་གཏོར་ཡིན། རྒྱུ་ནི། འབྲུ་དཀར་གྱི་ཕྱེ་ལ་སྨན་སྣ་སོགས་བཏབ་ནས་བཅའ་སྟེ། བཅའ་སྟངས་ནི། བོན་སྒོ་བཞི་མཛོད་ལྔའི་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གཏོར་མ་ཟན་གྱིས་མཎྚལ་གསུམ་བརྩེགས་སྟེང་དུ་ལྷ་བཤོས་པད་མའི་དབྱིབས་ཆགས་པ་ལ་ལྷ་བཤོས་སུམ་བཅུས་བསྐོར། ཞེས་དང་། ཡི་དམ་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། རྣམ་དག་ལ། གྲུ་བཞི་སུམ་བརྩེགས་སྟེང་དུ། བཤོས་བུ་གཙོ་འཁོར་ལྔ། བང་རིམ་འོག་མ་གཉིས་པོ་ལ་བཞི་རེ་སྟེ་བརྒྱད་དང་བཅུ་གསུམ་མོ། །ཞེས་སོ། །དེའི་མཐུན་རྫས་ནི། དཀར་མངར་ཀྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། བཅུད་ཀྱི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་མཛེས་ཞིང་བརྒྱན་དགོས་ཏེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་སུམ། མངར་སུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་དང་། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། དེ་ལྟར་བཅས་པའི་གཏོར་མ་ལ་གོང་གི་འཁོར་ལོ་གདུགས་སུ་ཕུབ། མཛེས་པའི་དར་གྱིས་ཡོལ་བར་བྱ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་དག་གི་རྟེན་གཏོར་

|; |@@@ | | }}