80482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་དག་གྲུབ་མཐའི་རྩིས་ (1)
Part of speech མིང་ཚིག
Definition བྱེད་རྩིས་ལ་ལྟོས་ཏེ་མཐའ་དག་པ་ལྔ་དང་ལྡན་པའི་རྩིས་ཏེ། དུས་འཁོར་རྩ་རྒྱུད་ལྟར་འདས་པའི་ལོ་དག་པ་དང་། ལོ་འགོའི་ཟླ་བ་དག་པ་དང་། ཟླ་སྐར་འཕེལ་འགྲིབ་ཀྱི་ཞག་དག་པ་དང་། རྩིས་འཕྲོ་དག་པ་དང་། རི་མོ་དག་པ་དང་། བརྒྱུད་པའི་མན་ངག་དག་པ་བཅས་སོ། །རྩིས་གཞུང་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་ཤིང་ལས། རྒྱས་འགྲེལ་ལས་ཀྱང་སྐྱོན་འདོན་འདི་ལྟར་བྱ་ཞེས་རྩིས་འཕྲོ་སོ་སོ་ལ་སྦྱར་ནས་མ་གསུངས་པས་མན་ངག་མེད་པར་མཐོང་བ་ཙམ་གྱིས་མི་ཤེས་པའི་ཕྱིར། ཞེས་དང་། རིགས་ལྡན་སྙིང་ཐིག་ལས། ད་ནི་རྩ་རྒྱུད་རྗེས་འབྲངས་ནས། །རྣམ་དག་གྲུབ་པའི་ལྔ་བསྡུས་བཤད། །ཅེས་བྱུང་།
Domain རྩིས་རིག

{{#arraymap:རྣམ་དག་གྲུབ་མཐའི་རྩིས་

|; |@@@ | | }}