80483

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་དག་དྲན་པ་གཉིས་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པའི་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། ༡ རྟགས་ཀྱི་རྣམ་དག་ནི། དབུ་གསུམ་ཕྱག་དྲུག་ཞབས་བཞི་ལ་སོགས་པར་བསྒོམ་པ་ན། དབུ་གསུམ་ནི་སྐུ་གསུམ། ཕྱག་དྲུག་ནི་ཡེ་ཤེས་དྲུག ཞབས་བཞི་ནི་རྫུ་འཕྲུལ་བཞི་དྲན་པར་བྱའོ། །སྐུ་མདོག་ནི། དཀར་པོ་སྐྱོན་གྱིས་མ་གོས་པ། སེར་པོ་ཡོན་ཏན་རྒྱས་པ། དམར་པོ་ཐུགས་རྗེ་ཆགས་པ། ལྗང་གུ་ཕྲིན་ལས་ཐོགས་མེད། མཐིང་གའམ་ནག་པོ་ཆོས་ཉིད་མི་འགྱུར་བའོ། །ཕྱག་མཚན་ནི། རྡོ་རྗེ་འདུས་མ་བྱས་པ། འཁོར་ལོ་ཉོན་མོངས་གཅོད་པ། རིན་པོ་ཆེ་ཡོན་ཏན་འབྱུང་བ། པདྨ་སྐྱོན་གྱིས་མ་གོས་པ། རྒྱ་གྲམ་མམ་རལ་གྲི་ནི་ཕྲིན་ལས་ཐོགས་པ་མེད་པའོ། །དེ་བཞིན་དུ་རང་རང་གི་སྒྲུབ་ཐབས་གང་ཡིན་པའི་གཞུང་བཞིན་བྱས་པས་ཡོན་ཏན་འབྱུང་ངོ་། ། ༢ དོན་གྱི་རྣམ་དག་ནི། དེ་དག་ཀྱང་བདེན་དངོས་སུ་གྲུབ་པ་མེད་པས། རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱའོ། །
Domain ཆོས་ལུགས།

{{#arraymap:རྣམ་དག་དྲན་པ་གཉིས་

|; |@@@ | | }}