80486

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་དག་ཕུང་པོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཉི་ཟླ་འབར་བའི་སྒྲོན་མ་ལས། རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྔའོ། །རྣམ་དག་ཅེས་པ་ནི། མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ་དང་ལྔ་ལ། མིག་གི་ཡུལ་གཟུགས། དེ་བཞིན་སྒྲ་དྲི་རོ་རེག དེ་ལྔ་ལ་མ་ཞུགས་ན་རྣམ་པར་དག་ཅེས་བྱའོ། །ལྔ་འཆང་བ་ཞེས་པ་ནི། ཡེ་ཤེས་ཟང་ཐལ་ཆེན་པོ་ལྔ་འཆང་བའོ། །དེ་སུས་འཆང་ན། སྐལ་ལྡན་གྱི་རྣལ་འབྱོར་པ་དེ་ལ་མ་འགགས་པར་གསལ་བའི་དོན་འཆང་བའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:རྣམ་དག་ཕུང་པོ་ལྔ་

|; |@@@ | | }}