80511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ (1)
Part of speech མིང་ཚིག
Definition རིགས་སམ་དབྱེ་བ།
Keyword True
Example ཤེས་བྱའི་རྣམ་པ་མང་ཞེས་པ་ལྟ་བུ།
རྣམ་པ་ (2)
Part of speech མིང་ཚིག
Definition རས་སྣམ་ཡུག་བཅད་ཀྱི་དུམ་བུ།
Example ཕྱུ་པའི་ཁོག་ལ་རྣམ་པ་དྲུག་བཏང་ཞེས་པ་ལྟ་བུ།
རྣམ་པ་ (3)
Part of speech མིང་ཚིག
Definition མདོ་མངོན་པ། རྣམ་པ་ནི་ཤེས་རབ་ཡིན་སྟེ། དེ་ཡང་ཡུལ་འཛིན་པ་ན་ཤེས་རབ་ཁོ་ནས་འཛིན་མ་ཡིན་གྱི་ཤེས་རབ་དེ་དང་བཅས་པའི་དམིགས་པ་དང་བཅས་པ་ཐམས་ཅད་ཀྱིས་འཛིན་པར་བྱེད་དེ། ཤེས་རབ་ནི་ས་མང་པོ་པ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཡོད་པ་ཐམས་ཅད་ཀྱང་གཟུང་བྱ་ཡིན་ནོ། དེ་ལྟར་ན་ཤེས་རབ་ནི་རྣམ་པ་དང་འཛིན་པ་དང་གཟུང་བར་བྱ་བ་གསུམ་ག་དང་། ཤེས་རབ་ལས་གཞན་པའི་དམིགས་བཅས་ཐམས་ཅད་ནི་འཛིན་པ་དང་གཟུང་བར་བྱ་བ་གཉིས་དང་། དམིགས་པ་མེད་པ་རྣམས་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །མདོ་སྡེ་པ་ལ་སོགས་པ་རྣམས་ན་རེ་གལ་ཏེ་ཤེས་རབ་རྣམ་པར་འདོད་ན་དེ་ཉིད་གྲོགས་སུ་ལྡན་པའམ་ངོ་བོ་ཡིན་པས་རྣམ་པ་དང་བཅས་པ་ཡིན། །དང་པོ་ལྟར་ན་ཤེས་རབ་ཉིད་རྣམ་པ་དང་བཅས་པར་མི་འགྱུར་ཏེ། ཤེས་རབ་ཤེས་རབ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཤེས་རབ་ལས་གཞན་པའི་མཚུངས་ལྡན་རྣམས་རྣམ་པ་དང་བཅས་པ་མ་ཡིན་པར་འགྱུར་རོ། །དེ་དག་གང་ཡང་རུང་བས་རྣམ་པ་དང་བཅས་པ་མ་ཡིན་པར་འདོད་ན་ཡང་། སེམས་དང་སེམས་བྱུང་དང་། རྟེན་དང་དམིགས་པ་དང་རྣམ་བཅས་དང་། །མཚུངས་པར་ལྡན་པའང་རྣམ་པ་ལྔ། ཞེས་འདོད་པ་དང་འགལ་བར་འགྱུར་རོ། །དེའི་ཕྱིར་དམིགས་པ་ནི་ཡུལ་དང་། རྣམ་པ་ནི་བློའི་འཛིན་སྟངས་ཏེ་ཡུལ་གྱི་རྣམ་པ་ཅན་གྱི་སེམས་སེམས་བྱུང་ཐམས་ཅད་ལ་འདོད་དོ་ཞེས་ཟེར་རོ། །
Domain ཆོས་ལུགས།
རྣམ་པ་ (4)
Part of speech མིང་ཚིག
Definition ཁྱད་པར་གྱི་ཆོས། རྣམ་པའི་མཚན་ཉིད། དེ་ལ་དབྱེ་ན། དོན་རྣམ་བརྒྱ་བདུན་ཅུ་རྩ་གསུམ་དང། ཤེས་རྣམ་བརྒྱ་བདུན་ཅུ་རྩ་གསུམ་དུ་ཡོད་དོ། །
རྣམ་པ་ (1)
Part of speech ཚབ་ཚིག
Definition མི་དུ་མའི་དོན།
Example ཁྱེད་རྣམ་པ་འདིར་བཞུགས་ཞེས་པ་ལྟ་བུ།
Type ཞེ་ས།
རྣམ་པ་ (1)
Part of speech རྒྱན་ཚིག
Definition ཚུལ་དང་སྟངས་ཀ
Example རྒྱུན་གཏན་གྱི་རྣམ་པ་ཞེས་པ་ལྟ་བུ།
རྣམ་པ་ (2)
Part of speech རྒྱན་ཚིག
Definition དབྱིབས་དང་བཟོ་ལྟ།
Example གདོང་གི་རྣམ་པ་ཞེས་པ་ལྟ་བུ།