80516

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཇི་ལྟར་བསྒོམ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་པ་བསྒོམ་པའི་དོན་བློ་དེ་ཉིད་བསྒོམ་བྱའི་ངོ་བོར་བསྐྱེད་པ་ལ་འདོད་ན། ཚོགས་ལམ་དུ་ཐུན་མོང་མ་ཡིན་པའི་རྣམ་པ་མེད་པས་རྣམ་རྫོགས་སྦྱོར་བ་བསྒོམ་པ་མི་འཐད་དོ་ཞེ་ན། བྱང་ཆུབ་སེམས་དཔའི་བསྒོམ་ཚུལ་ནི་བཞི་སྟེ། ངོ་བོ་ཇི་ལྟ་བ་དང་། རྗེས་སུ་མཐུན་པ་དང་། མཚན་ཉིད་རྗེས་སུ་དཔྱོད་པ་དང་། སྨོན་ལམ་གྱི་རྣམ་པས་བསྒོམ་པའོ། །དང་པོ་ནི། ཆོས་འགའ་ཞིག་བསྒོམ་པ་ན་བསྒོམ་བྱའི་མཚན་ཉིད་དང་ལྡན་པར་རྒྱུད་ལ་བསྐྱེད་པ་སྟེ། ཚོགས་ལམ་དུ་དྲན་པ་ཉེར་བཞག་བསྒོམ་པ་བཞིན་ནོ། །གཉིས་པ་ནི། བསྒོམ་བྱ་དང་རྗེས་སུ་མཐུན་པ་ཙམ་རྒྱུད་ལ་བསྐྱེད་པ་སྟེ། ཚོགས་ལམ་དུ་དབང་པོ་ལྔ་བསྒོམ་པ་བཞིན་ནོ། །གསུམ་པ་ནི། ཐོབ་བྱའི་ཆོས་གོང་མ་རྣམས་ཀྱི་མཚན་ཉིད་རྗེས་སུ་དཔྱོད་པ་སྟེ། ཚོགས་ལམ་དུ་ངེས་འབྱེད་ཆ་མཐུན་སོགས་ཀྱི་མཚན་ཉིད་ཡིད་ལ་བྱེད་པ་བཞིན་ནོ། །བཞི་པ་ནི། འབྲས་བུའི་ཁྱད་པར་འགའ་ཞིག་ཐོབ་པར་གྱུར་ཅིག་སྙམ་པའི་རྣམ་པས་ཡིད་ལ་བྱེད་པའོ། །བསྒོམ་ཚུལ་བཞི་པོ་འདི་དག་ཅི་རིགས་པས་ད་ལྟ་ནས་ཐམས་ཅད་བསྒོམ་པར་ནུས་པས་ཉེས་པ་མེད་དོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཇི་ལྟར་བསྒོམ་པ་

|; |@@@ | | }}