80521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཐམས་ཅད་ཀྱི་དོན་སྤྱོད་པ་རྣམ་པ་བཅུ་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་སེམས་ཅན་བསྡུ་བར་བྱ་བ་རྣམས་ལེགས་པར་སྡུད་པ། ༢ སེམས་ཅན་ཚར་གཅད་པར་བྱ་བ་རྣམས་ཡང་དག་པར་ཚར་གཅོད་པ། ༣ སེམས་ཅན་བསྟན་པ་དང་ཞེ་འགྲས་པ་རྣམས་ཀྱི་ཞེ་འགྲས་པ་སེལ་བར་བྱེད་པ། ༤ སེམས་ཅན་ཐ་མལ་པར་གནས་པ་རྣམས་བསྟན་པ་འདི་ལ་འཇུག་པར་བྱེད་པ། ༥ སེམས་ཅན་ཞུགས་པ་རྣམས་ཐེག་པ་གསུམ་པོ་དག་ལ་ལེགས་པར་ཡོངས་སུ་སྨིན་པར་བྱེད་པ། ༦ སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱེད་པ། ༧ དེ་དག་ཁ་ཅིག་འདི་ལྟ་སྟེ། ཐེག་པ་དམན་པས་ངེས་པར་འབྱུང་བ་ལས་བརྩམས་པ་དང༌། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལས་བརྩམས་ཏེ། ཚོགས་བསྲུང་བ་དང༌། བསགས་པ་ལ་ཡང་དག་པར་འཛུད་པ། ༨ ཚོགས་བསྲུང་ཞིང་བསགས་པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་དབེན་པ་ཉིད་དུ་བྱ་བ། ༩ སེམས་རྩེ་གཅིག་ཏུ་བྱ་བ། ༡༠ སྒྲིབ་པ་རྣམ་པར་དག་པར་བྱ་བ། ༡༡ ཡིད་ལ་བྱེད་པ་སྒོམ་པ་ལ་ཡང་དག་པར་འཛུད་པ། ༡༢ ཉན་ཐོས་དང༌རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཉན་ཐོས་དང༌རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་འཛུད་པ། ༡༣ དེ་བཞིན་གཤེགས་པའི་རིགས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ལ་ཡང་དག་པར་འཛུད་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཐམས་ཅད་ཀྱི་དོན་སྤྱོད་པ་རྣམ་པ་བཅུ་གསུམ་

|; |@@@ | | }}