80523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ རྟག་པའི་བརྩོན་འགྲུས། ༢ གུས་པའི་བརྩོན་འགྲུས། ༣ རྒྱུ་མཐུན་པའི་བརྩོན་འགྲུས། ༤ སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས། ༥ མི་འཁྲུགས་པའི་བརྩོན་འགྲུས། ༦ ཆོག་མི་ཤེས་པའི་བརྩོན་འགྲུས་བཅས་དང་། རྣམ་པ་བདུན་ནི། ༡ འདུན་པ་དང་ལྡན་པ། ༢ མཐུན་པ་དང་ལྡན་པ། ༣ ཁྱད་པར་ཅན་དང་ལྡན་པ། ༤ ཚོལ་བ་པོ་དང་ལྡན་པ། ༥ བསླབ་པའི་བརྩོན་འགྲུས་དང་ལྡན་པ། ༦ བདག་ཉིད་ཀྱིས་ཡང་དག་པར་སྦྱོར་བ། ༧ ཀུན་ནས་སྲུང་ཞིང་འཁྲུལ་པ་ཆོས་བཞིན་དུ་ཕྱིར་འཆོས་པའི་བརྩོན་འགྲུས་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་

|; |@@@ | | }}