80525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་རྣམ་པ་བདུན་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཕྱི་ཕྱིར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཤས་ཆེར་འདུན་པ། ༢ སྨོན་པ་རྗེས་སུ་འཕེལ་བར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་འདུན་པ་དང་ལྡན་པ། ༣ བརྩོན་འགྲུས་གང་གིས་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་རྣམས་ལ་མཐུན་ཞིང་རྣལ་འབྱོར་དུ་གནས་པར་འགྱུར་ལ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉོན་མོངས་པ་ཅན་དུ་མ་གྱུར་ཞིང༌། ཀུན་ནས་དཀྲིས་པ་མེད་པའི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་གང་མཐུན་པ་དང་ལྡན་པ། ༤ ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་ཅིང༌། སེམས་ཀུན་ནས་དཀྲིས་པའི་ཉེ་བའི་ཉོན་མོངས་པ་དེ་སྤང་བའི་ཕྱིར་མགོ་ལ་མེ་འབར་བ་གསོད་པ་ལྟ་བུའི་བརྩོན་འགྲུས་གང་ཡིན་པ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཁྱད་པར་ཅན། ༥ རིག་པའི་གནས་ཐམས་ཅད་ཡོངས་སུ་ཚོལ་བའི་ཕྱིར་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཚོལ་བ། ༦ ཡོངས་སུ་བཙལ་བའི་ཆོས་དེ་དག་ཉིད་ལ་ཇི་ལྟར་མཐུན་པ་དང༌། ཇི་ལྟར་འོས་པར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན། ༧ བདག་ཉིད་ཀྱི་ཡང་དག་པའི་སྦྱོར་བ་ཀུན་ནས་བསྲུང་བ་དང༌། འཁྲུལ་པ་ཆོས་བཞིན་དུ་ཕྱིར་འཆོས་པ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་རྣམ་པ་བདུན་

|; |@@@ | | }}