80526

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཐམས་ཅད་ཀྱི་བསམ་གཏན་བཅུ་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ དགེ་བའི་བསམ་གཏན། ༢ སྤྲུལ་པ་སྤྲུལ་པའི་ཕྱིར་ལུང་དུ་མ་བསྟན་པའི་བསམ་གཏན། ༣ ཞི་གནས་ཀྱི་ཕྱོགས་ཀྱི་བསམ་གཏན། ༤ ལྷག་མཐོང་གི་ཕྱོགས་ཀྱི་བསམ་གཏན། ༥ བདག་དང་གཞན་གྱི་དོན་ལེགས་པར་ངེས་པར་བསམ་པའི་བསམ་གཏན། ༦ མངོན་པར་ཤེས་པའི་མཐུ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན། ༧ མིང་ལ་དམིགས་པའི་བསམ་གཏན། ༨ དོན་ལ་དམིགས་པའི་བསམ་གཏན། ༩ ཞི་གནས་ཀྱི་མཚན་མ་ལ་དམིགས་པའི་བསམ་གཏན། ༡༠ རབ་ཏུ་འཛིན་པའི་མཚན་མ་ལ་དམིགས་པའི་བསམ་གཏན། ༡༡ བཏང་སྙོམས་ཀྱི་མཚན་མ་ལ་དམིགས་པའི་བསམ་གཏན། ༡༢ ཚེ་འདི་ལ་བདེ་བར་དམིགས་པའི་བསམ་གཏན། ༡༣ གཞན་གྱི་དོན་བྱ་བའི་བསམ་གཏན་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཐམས་ཅད་ཀྱི་བསམ་གཏན་བཅུ་གསུམ་

|; |@@@ | | }}