80527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ཡོན་ཏན་རྣམ་པ་དྲུག་ནི། ༡ རྒྱ་ཆེ་བ། ༢ ཁ་ན་མ་ཐོ་བ་མེད་པ། ༣ རབ་ཏུ་དགའ་བའི་གནས་དང་མཐུན་པ། ༤ རྟག་ཏུ་བྱེད་པ། ༥ བརྟན་པ། ༦ ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པ་བཅས་དང་། རྣམ་པ་བདུན་ནི། ༡ ལྡོག་པའི་ཚུལ་ཁྲིམས། ༢ འཇུག་པའི་ཚུལ་ཁྲིམས། ༣ ཀུན་ནས་བསྲུང་བའི་ཚུལ་ཁྲིམས། ༤ སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས། ༥ ལྷག་པའི་བསམ་པ་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས། ༦ སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས། ༧ སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་

|; |@@@ | | }}