80531

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཐམས་ཅད་དུ་མཁས་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ། ༢ སྦྱོར་བ་ལས་བྱུང་བའི་ཐོས་པ། ༣ བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཡོངས་སུ་སྨིན་པ། ༤ རྒོད་བག་མེད་པའི་ཕྱིར་ལེགས་པའི་བསམ་པ་སེམས་པ། ༥ ལེགས་པར་སྨྲ་བ་བརྗོད་པ། ༦ ལེགས་པར་བྱ་བའི་ལས་བྱེད་པ། ༧ བདག་ལ་རང་དབང་ཡོད་པ་རྣམས་ཀྱང་འཚོ་བའི་ཕྱིར་གཞན་གྱི་དབང་དུ་མི་བྱེད་པ། ༨ ཆོས་དང་མཐུན་པས་བདེ་བ་འདོད་ཀྱི་ཆོས་མ་ཡིན་པས་བདེ་བ་འདོད་པ་མ་ཡིན་པ། ༩ ཐ་མལ་པའི་ཚེའི་ཡོ་བྱད་རྣམས་ལེགས་པར་སྲུང་བར་བྱེད་དེ་མི་རིགས་པར་ཆུད་གཟོན་པར་མི་བྱེད་ལ། ཉེས་དམིགས་སུ་ལྟ་བཞིན་དུ་ཡོངས་སུ་སྤྱོད་པ། ༡༠ ན་བའི་ཡོ་བྱད་རྣམས་ལ་ལྟ་ཞིང་སོ་སོར་བརྟགས་ནས་སྟེན་པར་བྱེད་པ་དང༌། དུས་མ་ཡིན་པར་འཆི་བའི་རྐྱེན་རྣམས་བསྲུང་བའོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཐམས་ཅད་དུ་མཁས་པ་རྣམ་པ་བཅུ་

|; |@@@ | | }}