80536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ གནས་ཡོངས་སུ་དག་པ་ནི། ཉོན་མོངས་པ་ཐམས་ཅད་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་བག་ཆགས་དང་བཅས་པ་རྣམས་གནས་ལས་མ་ལུས་པར་གཏན་མེད་པར་འགྱུར་ལ། རང་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལེན་པ་དང༌། གནས་པ་དང༌། འཆི་འཕོ་བ་རང་ལ་དབང་ཡོད་པ་ནི་གནས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །༢ དམིགས་པ་ཡོངས་སུ་དག་པ་ནི། སྤྲུལ་པ་དང༌། བསྒྱུར་པ་དང༌། བསྟན་པ་དམིགས་པ་ཐམས་ཅད་ལ་དབང་ཡོད་པ་གང་ཡིན་པ་འདི་ནི་དམིགས་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། ། ༣ སེམས་ཡོངས་སུ་དག་པ་ནི། སྔ་མ་བཞིན་དུ་སེམས་གནས་ངན་ལེན་ཐམས་ཅད་དང་བྲལ་ལ། སེམས་ལ་དགེ་བའི་རྩ་བ་ཐམས་ཅད་བསགས་པས་ན། སེམས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། ། ༤ ཡེ་ཤེས་ཡོངས་སུ་དག་པ་ནི། སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་བྲལ་ལ། ཤེས་བྱ་ཐམས་ཅད་ལ་ཡང་ཡེ་ཤེས་གྱི་སྒྲིབ་པ་མེད་དེ། ཡེ་ཤེས་ལ་དབང་བྱེད་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་

|; |@@@ | | }}