80541

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་བཅུ་གཉིས་ཀྱིས་བཟོད་པ་སྒོམ་པར་བྱ་བ་བཅུ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་བྱང་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ འདུ་བྱེད་ཐམས་ཅད་སྐད་ཅིག་པའོ། །ཞེས་བཟོད་པ་བསྒོམ་པར་བྱ་བ། ༢ བདག་མི་དམིགས་པར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༣ བདག་དང་གཞན་ཡོངས་སུ་སྲུང་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༤ འཁྲུག་པ་གཏན་མེད་པར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༥ བག་ལ་ཉལ་དང་ཀུན་ནས་དཀྲིས་པ་རྣམ་པར་བསལ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༦ རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤང་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༧ མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་སྒྲུབ་པའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༨ ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ཐོབ་པར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༩ གཞན་གྱི་གནོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༡༠ ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༡༡ བདུད་ཀྱི་གཡུལ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ། ༡༢ དེ་བཞིན་གཤེགས་པའི་སྐུ་ཚད་མེད་པ་ཡང་དག་པར་མཐོང་བས་བཟོད་པ་བསྒོམ་པར་བྱ་བའོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་བཅུ་གཉིས་ཀྱིས་བཟོད་པ་སྒོམ་པར་བྱ་བ་བཅུ་གཉིས་

|; |@@@ | | }}