80542

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་བཅུ་གཉིས་ཀྱིས་བསམ་གཏན་སྒོམ་པར་བྱ་བ་བཅུ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ ཤིན་ཏུ་མི་འཁྲུགས་པའི་ཕྱིར་ཉོན་མོངས་པ་ཞི་བར་བྱ་བའི་རྣམ་པ། ༢ ཡུལ་རྣམས་ལ་མི་རྒྱུག་པའི་ཕྱིར་སེམས་གནས་པའི་རྣམ་པ། ༣ འདོད་པ་དང་གཟུངས་དང་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བའི་ཕྱིར་མི་གནས་པའི་རྣམ་པ། ༤ འཇིག་རྟེན་པའི་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་རྣམ་པ། ༥ དེ་ལ་ཆགས་པའི་ཕྱིར་ཁྱད་པར་གྱི་རྣམ་པ། ༦ བསམ་གཏན་ཟློག་པའི་ཕྱིར་འདོད་རྒྱལ་གྱི་རྣམ་པ། ༧ དངོས་པོའི་འདུ་ཤེས་དང་བྲལ་བའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པ། ༨ ཚད་ཡོད་པའི་ཏིང་ངེ་འཛིན་ལ་སྨོད་པའི་ཕྱིར་ཚད་མེད་པའི་རྣམ་པ། ༩ ཤིན་ཏུ་ཞི་བའི་ཕྱིར་ཞི་གནས་ཀྱི་རྣམ་པ། ༡༠ ཅང་ཤེས་པའི་ཕྱིར་སེམས་དུལ་བའི་རྣམ་པ། ༡༡ དབང་པོ་ངེས་པར་བསྡམས་པའི་ཕྱིར་ངེས་པར་སེམས་པའི་རྣམ་པ། ༡༢ བྱང་ཆུབ་ཀྱི་བསམ་པ་མ་བོར་བའི་ཕྱིར་ཐབས་མཁས་པས་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་སྒོམ་གྱི། ང་རྒྱལ་དང་། ལྟ་བ་དང་། སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ནི། མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་བཅུ་གཉིས་ཀྱིས་བསམ་གཏན་སྒོམ་པར་བྱ་བ་བཅུ་གཉིས་

|; |@@@ | | }}