80546

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་བསྡུས་སྒོམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་པ་བསྡུས་སྒོམ་གྱི་དོན་ནི། བྱང་སེམས་འཕགས་པས་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དུ་བསྡུས་ནས་སྒོམ་པ་དེ་དེས་གཞི་ཤེས་ཀྱི་རྣམ་པ་བསྡུས་ནས་སྒོམ་པའི་དོན་ཡིན། དེས་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཏུ་བསྡུས་ནས་སྒོམ་པ་དེ་ལམ་ཤེས་ཀྱི་རྣམ་པ་བསྡུས་ནས་སྒོམ་པའི་དོན་ཡིན། དེས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུར་བསྡུས་ནས་སྒོམ་པ་དེ་དེས་རྣམ་མཁྱེན་གྱི་རྣམ་པ་བསྡུས་ནས་སྒོམ་པའི་དོན་ཡིན་ནོ། །རྣམ་རྫོགས་སྦྱོར་བས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་པོ་སྦྱོར་བའི་འཛིན་སྟངས་ཀྱི་ཡུལ་དུ་བསྡུས་ནས་སྒོམ་པ་དེ་རྣམ་རྫོགས་སྦྱོར་བས་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་དོན་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་བསྡུས་སྒོམ་

|; |@@@ | | }}