80547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་མཚུངས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཚུངས་ལྡན་རྣམ་པ་ལྔའི་ནང་གསེས་ཤིག་སྟེ། བྱེ་བྲག་སྨྲ་བ། མཆིམས་མཛོད་ལས། དེ་ལ་དམིགས་པ་མཚུངས་པ་ཡུལ་གྱི་ངོ་བོ་གཅིག་ལ་དམིགས་པ་དང༌། རྣམ་པ་མཚུངས་པ་ནི་དེའི་ཁྱད་པར་གཅིག་རྣམ་པར་བྱེད་པ་དང༌། ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། འདིར་དམིགས་པ་དང་རྣམ་པ་མཚུངས་པའི་དོན་ནི། སེམས་གང་དང༌། དེའི་འཁོར་སེམས་བྱུང་གཉིས་ཡུལ་གྱི་ངོ་བོ་གཅིག་ལ་དམིགས་པ་ནི་དམིགས་པ་མཚུངས་པ་དང༌། ཡུལ་གྱི་ཁྱད་པར་གཅིག་ཡུལ་དུ་བྱེད་པ་ནི་རྣམ་པ་མཚུངས་པའི་དོན་ཡིན་པ་ལས། དེ་གཉིས་ལ་ཡུལ་གྱི་རྣམ་པ་ཤར་བར་འདོད་པ་མ་ཡིན་པའི་ཕྱིར། ཞེས་དང་། ངོ་བོ་དང་ཁྱད་པར་གཉིས་ཀྱི་ནང་ཚན་གྱི་ཁྱད་པར་ལ་རྣམ་པར་བྱས་ནས་དེ་ཡུལ་དུ་བྱེད་པར་མཚུངས་པ་ལ། རྣམ་པ་དང་བཅས་པར་མཚུངས་པའི་དོན་དུ་འཇོག་པ་ཡིན་ཏེ། གཟུགས་ཞེས་ངོ་བོ་ཡུལ་དུ་བྱེད་པ་དང༌། གཟུགས་ཀྱི་ཁ་དོག་སྔོན་པོ་ཞེས་ཁྱད་པར་ཡུལ་དུ་བྱེད་པ་ལ་སེམས་སེམས་བྱུང་མཚུངས་པའི་ཕྱིར། དེ་ཙམ་ཞིག་གིས་ནི་གྲུབ་མཐའ་གོང་མས་འདོད་པ་ལྟར་ཤེས་པ་ལ་ཡུལ་གྱི་རྣམ་པར་ཤར་བའི་དོན་དུ་མི་འགྲོ་མོད། འོན་ཀྱང་ཚིག་འདྲ་བ་ཙམ་ལ་འཁྲིས་ན་འཛིན་མཚམས་དཀའ་བ་ཙམ་ནི་འོང་རིས་སུ་སྣང་ངོ་། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྣམ་པ་མཚུངས་པ་

|; |@@@ | | }}