80552

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་སྒོམ་པའི་སྦྱོར་བ་ཉི་ཤུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་པ་སྒོམ་པའི་སྦྱོར་བ་ཉི་ཤུ་ནི། གཟུགས་སོགས་ལ་གནས་པ་བཀག་པའི་སྦྱོར་བ་དང། མི་གནས་པ་ལ་ཞེན་པ་བཀག་པའི་དང་། ཟབ་པའི་དང། གཏིང་དཔག་དཀའ་བའི་དང། ཚད་མེད་པའི་དང། ཚེགས་ཆེན་ཡུན་རིང་རྟོགས་པའི་དང། ལུང་བསྟན་ཐོབ་པའི་དང། ཕྱིར་མི་ལྡོག་པའི་དང། ངེས་པར་འབྱུང་བའི་དང། བར་ཆད་མེད་པའི་དང། བྱང་ཆུབ་ལ་ཉེ་བའི་དང། མྱུར་བར་བྱང་ཆུབ་པའི་དང། གཞན་དོན་གྱི་དང། འཕེལ་འགྲིབ་མེད་པ་དང། ཆོས་དང་ཆོས་མིན་སོགས་མི་དམིགས་པའི་དང། གཟུགས་སོགས་བསམ་མི་ཁྱབ་པར་མ་དམིགས་པའི་དང། རྣམ་པར་མི་རྟོག་པའི་དང། འབྲས་བུ་རིན་པོོ་ཆེ་སྦྱིན་པའི་དང། རྣམ་པར་དག་པའི་དང། ས་མཚམས་ཀྱི་སྦྱོར་བ་དང་ཉི་ཤུ་ཡོད་པའི་ཕྱིར་ཞེས་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པ་ནས། དེ་ནི་དག་པ་མཚམས་དང་བཅས། །ཞེས་པའི་བར་གྱིས་བསྟན་ཏོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་སྒོམ་པའི་སྦྱོར་བ་ཉི་ཤུ་

|; |@@@ | | }}