80556

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པའི་ཕྲ་མོ་ (1)
Part of speech མིང་ཚིག
Definition ཕྲ་མོའི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། མཚོན་དོན་སྒྲས་ཟིན་ལ་ཅི་ཡང་མེད་ཅིང་། རང་གི་འདོད་པའི་བསམ་བློ་ཡང་སྔོན་དུ་མ་སོང་བར། ཕྱི་ལུས་ཀྱི་རྣམ་འགྱུར་རམ་རྣམ་པ་གསར་བ་ཞིག་བསྟན་པ་དེས། ནང་སེམས་ཀྱི་འཆར་སྒོ་མཚོན་པ་རྟོགས་པར་བྱེད་པའི་མཚོན་བྱེད་ཙམ་བརྗོད་བྱར་སྟོན་པ་ལྟ་བུ་ཞིག་ལ་ཟེར།
Example བོད་མཁས་པས། བུད་མེད་སྒྱུ་མའི་ཚུལ་མཐོང་གཞོན་ནུ་དེའི། །མཛེས་པའི་རྣམ་འགྱུར་གསལ་བ་དམར་བའི་བཞིན། ། གཡོ་མེད་ལྷ་ཡི་རྗེས་སོང་འདྲེན་བྱེད་ཀྱིས། །མཐོང་ནས་སྙིང་ལ་འདའ་དཀའི་དམ་ཚིག་བྱས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:རྣམ་པའི་ཕྲ་མོ་

|; |@@@ | | }}