80558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པའི་མཚན་ཉིད་བརྟག་པ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། ༡ བདེན་པ་ནི། དེ་བཞིན་ཉིད་གང་ཡིན་པའོ། ། ༢ གནས་པ་ནི། གང་ཟག་རྣམ་པར་བཞག་པའམ། ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པའམ། མགོ་གཅིག་དང་། རྣམ་པར་དབྱེ་བ་དང་། དྲིས་ཏེ་ལན་གདབ་པ་རྣམ་པར་བཞག་པའམ། གཞག་པ་རྣམ་པར་བཞག་པའམ། གསང་བ་དང་རྣམ་པར་དབྱེ་བ་ལ་ལན་གདབ་པ་རྣམ་པར་བཞག་པ་གང་ཡིན་པའོ། ། ༣ སྐྱོན་ནི། ངས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ཉེས་དམིགས་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ ། ༤ ཡོན་ཏན་ནི། ངས་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཕན་ཡོན་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ ། ༥ ཚུལ་ནི། རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ༦ འཇུག་པ་ནི། དུས་གསུམ་དང༌། འདུས་བྱས་ཀྱི་མཚན་ཉིད་གསུམ་དང༌། རྐྱེན་བཞི་པོ་དག་གོ ། ༧ རིགས་པ་ནི། རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ། འཐད་པས་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་དང་བཞིའོ། །འདིའི་འགྲེལ་བཤད་ཞིབ་པ་བཞི་ཚན་ཁོངས་བཀོད་ཡོད། ༨ བསྡུས་པ་དང་རྒྱས་པ་ནི། ཚིག་གཅིག་གིས་བསྟན་པའི་ཆོས་ཕྱི་མ་ཕྱི་མ་དག་གིས་རབ་ཏུ་ཕྱེ་སྟེ། མཐར་ཐུག་པར་བྱེད་པ་གང་ཡིན་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་པའི་མཚན་ཉིད་བརྟག་པ་བརྒྱད་

|; |@@@ | | }}