80567

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་གཡེང་བ་ལྔ་ (1)
Part of speech མིང་ཚིག
Definition འཕགས་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། ༡ གལ་ཏེ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་རབ་ཏུ་ལྷུང་ན་དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་ནོ། ། ༢ གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང་། འདུ་འཛི་དང་། མཚན་མ་དང་། རྣམ་པར་རྟོག་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཕྱི་རོལ་གྱི་དམིགས་པ་རྣམས་སེམས་རྣམ་པར་འཕྲོ་བར་གཏོང་ན་དེ་ནི་ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་ཡིན་ནོ། ༣ གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བའམ། སྙོམས་པར་འཇུག་པའི་རོ་མྱང་བའམ། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་རུང་བས་ཉོན་མོངས་པར་གྱུར་ན། དེ་ན་ནང་དུ་སེམས་རྣམ་པར་གཡེང་བའོ། ། ༤ གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་ན་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཡིན་ནོ། ། ༥ གལ་ཏེ་ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ཚོར་བ་ལ་གནས་ངན་ལེན་གྱི་ལུས་ཀྱིས་ངའོ་སྙམ་དུ་རློམ་སེམས་སུ་བྱེད་ན་དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་གཡེང་བ་ལྔ་

|; |@@@ | | }}