8057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ནང་དགོན་ (1)
Part of speech མིང་ཚིག
Definition ལྟོ་ལག་གནས་ངན་སྔ་འགྱུར་མདོ་སྔགས་རིག་པའི་དགའ་ཚལ་གླིང་འདི་ཉིད། མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཚ་བ་སྒང་གི་ཆར་གཏོགས་དཔའ་ཤོད་རྫོང་གི་ཉེ་འགྲམ་དུ། ཀཿཐོག་གཏེར་ཆེན་མདོ་དར་གང་ཆོས་ཀྱི་རྡོ་རྗེས་རབ་བྱུང་བཅུ་བཞི་པའི་ས་འབྲུག་ཕྱི་ལོ་ ༡༨༠༨ ལོར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པ་དང་དགེ་འདུན་གྱི་སྡེ་བཙུགས། དེ་ནས་རིམ་བཞིན་གཏེར་ཆེན་གྱི་ཡང་སྤྲུལ། རྟ་ལུང་མཚོ་བུ་རུ། བཀའ་བརྒྱུད་ཀརྨ་པའི་གདན་ས་ནས་ཀརྨ་རྒྱལ་མཚན་ཞེས་བྱ་བ་ཞེས་ལུང་གིས་ཟིན་པའི་སྤྲུལ་སྐུ་ཀརྨ་རྒྱལ་མཚན། དེའི་སྤྲུལ་སྐུ་བྱང་རྟ་ན་དགོན་པའི་དབུ་བླ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་སོགས་ཀྱིས་བསྟན་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད། སྐུ་སྲས་དམ་པ་སྤྲུལ་སྟོབས་ལྡན་ལོ་ཤས་ཀཿཐོག་བཤད་སྒྲུབ་ནོར་བུའི་ལྷུན་པོར་བཞུགས་ནས་ཐོས་བསམ་སྒོམ་གསུམ་སྤེལ་མར་མཛད་ནས། རང་ཡུལ་ལོག་སྐབས་ཀཿཐོག་མཁན་པོ་བསོད་ནམས་བརྟན་པའི་མདུན་དུ་ཀཿཐོག་པའི་ཆོས་བརྒྱུད་ཡིན་པར་ཞལ་གྱི་བཞེས་པ་མཛད། ཕྱི་ལོ་ ༡༩༥༩ ལོ་དུས་འགྱུར་སྐབས་སུ་དགོན་འདི་ལ་ཆག་འཇིག་ཆེན་པོ་བྱུང་། དེང་སྐབས་དགོན་གནས་སླར་གསོ་བྱེད་བཞིན་ཡོད།

{{#arraymap:གནས་ནང་དགོན་

|; |@@@ | | }}