80573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་གྲོལ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་ཉོན་མོངས་པ་ལས་རྣམ་པར་གྲོལ་བ། ༢ ལྟ་བ་ལས་རྣམ་པར་གྲོལ་བ། ༣ ཉེ་བར་ལེན་པ་ལས་རྣམ་པར་གྲོལ་བ། ༤ ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལས་རྣམ་པར་གྲོལ་བ། ༥ ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལས་འདའ་བའི་རྣམ་པར་གྲོལ་བ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་རྣམ་པར་གྲོལ་བ། འགྲོ་བའི་ཞིང་ཁམས་ནས་སེམས་ཅན་ཐམས་ཅད་ཆོས་ལས་གྱེན་དུ་བསྐྱོད་པའི་རྣམ་པར་གྲོལ་བ། བྱང་ཆུབ་སེམས་དཔའི་རྣམ་པར་བསྒྲུབ་པ་མཐའ་དག་དབུས་མེད་པའི་རྣམ་པར་གྲོལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་གྱེན་དུ་བསྐྱོད་དེ། དེ་བཞིན་གཤེགས་པའི་ས་འཐོབ་པའི་རྣམ་པར་གྲོལ་བ། དུས་གསུམ་ཐམས་ཅད་སྐད་ཅིག་གཅིག་གིས་ཤེས་པའི་རྣམ་པར་གྲོལ་བའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་གྲོལ་བ་བཅུ་

|; |@@@ | | }}