80575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་གྲོལ་བའི་ཕུང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཟག་མེད་ཀྱི་ཕུང་པོ་ལྔའི་ནང་གསེས་ཤིག་སྟེ། ཉོན་མོངས་སྤངས་པའི་རྣམ་པར་གྲོལ་བ་ངེས་པའི་འདུས་བྱས་ཤིག་སྟེ། མཆིམས་མཛོད་ལས། ཉོན་མོངས་པ་བཅོམ་པ་སོ་སོར་བརྟགས་འགོག་ནི་རྣམ་གྲོལ་འདུས་མ་བྱས་ཡིན་ལ། རྣམ་པར་གྲོལ་བ་ལ་དེར་ངེས་པ་མི་སློབ་པའི་མོས་པ་ནི་རྣམ་གྲོལ་འདུས་བྱས་ཡིན་ལ། ཞེས་དང། རྣམ་གྲོལ་འདུས་བྱས་དེ་ཉིད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་ལྔའི་ནང་ནས་རྣམ་པར་གྲོལ་བའི་ཕུང་པོའང་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྣམ་པར་གྲོལ་བའི་ཕུང་པོ་

|; |@@@ | | }}