80576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཟག་མེད་ཀྱི་ཕུང་པོ་ལྔའི་ཡ་གྱལ་ཞིག་སྟེ། དེ་ལ་ནི་ལམ་ལ་དམིགས་པའི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་གང་རུང་གིས་ཁྱབ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཡང་དག་པའི་རྣམ་གྲོལ་(འདུས་བྱས་)དང༌། ཡང་དག་པའི་ཤེས་པ་གཉིས་ནི། སྔར་བྱང་ཆུབ་ཏུ་ཇི་སྐད་བཤད་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཉིད་ལ་བྱེད་པ་ཡིན་ལ། དེ་ནི་ལྟ་བ་མ་ཡིན་ཏེ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཞེས་འཆད་པར་འགྱུར་བའི་ཕྱིར་དང༌། ཡང་དག་པའི་ཤེས་པ་དེ་ནི་ཟག་མེད་ཀྱི་ཕུང་པོའི་ནང་ནས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོར་གསུངས་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་

|; |@@@ | | }}