80580
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བུ་སྟོན་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་འདི་སྔོན་གྱི་དཀར་ཆག་ཆེན་མོ་ལས་བཀར་བཤད། གཞུང་གི་ངོ་བོ་བལྟས་ན་བསྟན་བཅོས་སུ་གསལ་བས་བསྟན་བཅོས་ཀྱི་སྡེར་སྔ་མ་རྣམས་ཀྱིས་ཀྱང་བྲིས་འདུག་པས་བྲིས་སོ། ། བསྟན་འགྱུར་འདུལ་བ་སུ་པར་བཞུགས། |