80586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པའི་ཁྱད་པར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་དག་ལ་ཁྱད་ཅི་ཡོད་ཅེ་ན། ཉམས་པ་གཉིས་ནི་མི་ལྡན་པའི་རང་བཞིན་ཡིན་པར་ནི་ཁྱད་པར་ཅི་ཡང་མེད་དོ། །འོན་ཀྱང་ཡོངས་སུ་ཉམས་པ་ནི་ལོག་ལྟ་སྐྱེས་པ་ན་དགེ་རྩ་ཉམས་པ་ལྟ་བུ་ཉོན་མོངས་པའི་ཉེས་པ་བྱས་པ་ཁོ་ནས་ཉམས་པ་ཡིན་ལ་རྣམ་པར་ཉམས་པ་ནི་སྔ་མ་ལྟ་བུ་ཉེས་པས་ཉམས་པ་དང་། མཐོང་ལམ་སྐྱེས་པ་ན་སོ་སོའི་སྐྱེ་བོ་ཉམས་པ་ལྟ་བུ་དང་ལམ་ལ་རྗེས་ཤེས་སྐྱེས་པ་ན་མཐོང་ལམ་གཏོང་བ་ལྟ་བུ་ཡོན་ཏན་གྱིས་ཉམས་པའང་ཡིན་པས་ཉམས་པ་སྤྱིར་སྨྲོས་པ་ཡིན་ཏེ། དེས་ན་ཡོངས་ཉམས་ལ་རྣམ་ཉམས་ཀྱིས་ཁྱབ་ཀྱང་རྣམ་ཉམས་ལ་ཡོངས་ཉམས་ཀྱིས་མ་ཁྱབ་པ་བྱེ་བྲག་དང་སྤྱིའི་ཁྱད་པར་ཡོད་དོ་ཞེས་ཤེས་པར་བྱའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པའི་ཁྱད་པར་

|; |@@@ | | }}