80588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་ཐར་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཀྱིས་རྒྱས་པར་དགང་བའི་རྣམ་པར་ཐར་པ། ༢ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁ་དོག་དུ་མ་དང༌། ཁ་དོག་སྣ་ཚོགས་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༣ ཆོས་ཀྱི་དབྱིངས་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འཇུག་པའི་རྣམ་པར་ཐར་པ། ༤ སེམས་ཅན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབས་པའི་རྣམ་པར་ཐར་པ། ༥ སངས་རྒྱས་ཀྱིས་བརྒྱན་པའི་འཇིག་རྟེན་ཁམས་ཐམས་ཅད་དུ་ལུས་ཀྱིས་རྒྱས་པར་དགང་བའི་རྣམ་པར་ཐར་པ། ༦ བདག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱིན་པར་ཤེས་པར་བྱ་བའི་རྣམ་པར་ཐར་པ། ༧ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཀྱི་སྐད་ཅིག་གཅིག་གིས་འགྲོ་བའི་རྣམ་པར་ཐར་པ། ༨ འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་ཐམས་ཅད་སྐྱེ་བ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༡༠ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་གཅིག་ཏུ་ཤེས་པར་བྱ་བའི་རྣམ་པར་ཐར་པ། ༡༠ སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་དང༌། རྣམ་པར་རོལ་པ་དང༌། མི་འབྲལ་བ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་ཐར་པ་བཅུ་

|; |@@@ | | }}