From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནས་པ་ (1)
| Part of speech
|
སྒྲུབ་ཚིག
|
| Definition
|
དངོས་པོ་གང་ཞིག་གཞི་གང་ཞིག་ལ་ཡོད་པའམ་བརྟེན་པའི་དོན་ལ་འཇུག་སྟེ།
|
| Example
|
རི་ཁྲོད་དུ་གནས་པ། ཕ་མ་བུ་ཕྲུག་རྣམས་ས་ཆ་གཅིག་ལ་གནས་པ་ལྟ་བུ།
|
གནས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
གནས་ཀྱི་སློབ་དཔོན་བསྟེན་པའི་གནས་ཀྱི་སློབ་མའམ་གྲྭ་པའི་མིང་།
|
| Domain
|
ཆོས་ལུགས།
|
གནས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ལྡན་མིན་འདུ་བྱེད་ཀྱི་ནང་གསེས་ཤིག་སྟེ། འདུ་བྱེད་ཀྱི་ཕུང་པོ་དེ་དག་བྱུང་ནས་དེ་སྐད་ཅིག་མའི་རྒྱུན་མཐུད་པ་ནམ་མ་ཤིའི་བར་དུ་འདུག་པ་དེའོ། །
|
གནས་པ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག སྦྱོར་ལམ་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། མོས་པས་ཤེས་རབ་དང་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་གནས་པ། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་དོན་གྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
|
གནས་པ་ (4)
| Part of speech
|
མིང་ཚིག
|
| Definition
|
མཐར་ལམ་པའི་རྣལ་འབྱོར་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། བཙལ་མེད་གནས་པའི་ཀུན་གཞིའི་སྟོབས་ཀྱིས་བྱ་བ་མེད་པར་གནས་པས་གནས་པ་དག་དང་། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་དཔེའི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
|