80593

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་ཐར་པ་སུན་འབྱིན་པའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་གང་རུང་སུན་འབྱིན་པར་བྱེད་པའི་ཏིང་ངེ་འཛིན་ཏེ། དེ་ལ་དབྱེ་ན་གསུམ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན། སྨོན་པ་མེད་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་ནོ། །སེར་སྨད་རྒྱལ་དབང་མཛོད་ལས། རྣམ་པར་ཐར་པ་སུན་འབྱིན་བྱེད་ཀྱི་ཏིང་ངེ་འཛིན་གསུམ་པོ་འདི་མངོན་དུ་བྱེད་པའི་དུས་མཚམས་ཀྱང་དགྲ་བཅོམ་པ་དེ་དག་ལྷག་མེད་དུ་གཤེགས་པ་ལ་ཉེ་བར་ཕྱོགས་པའི་ཚེ་མངོན་དུ་བྱས་པ་ལས། དེའི་གོང་དུ་ནི་མིན་པར་སེམས་ཏེ། ཅིའི་ཕྱིར་ན། དེ་དག་མངོན་དུ་བྱས་ནས་སླར་ཡང་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་མངོན་དུ་བྱེད་པ་མི་སྲིད་དེ་དེ་ལྟར་ཏིང་ངེ་འཛིན་ཕྱི་མ་འདི་གསུམ་གྱིས་སུན་འབྱིན་པར་བྱས་ཟིན་པའི་ཕྱིར་སྙམ་ཡང་དཔྱད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྣམ་པར་ཐར་པ་སུན་འབྱིན་པའི་ཏིང་ངེ་འཛིན་

|; |@@@ | | }}