From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྣམ་པར་དག་པ་ (1)
| Part of speech
|
བསྣན་ཚིག
|
| Definition
|
སྐྱོན་དང་དྲི་མ་མེད་པའམ་ནོར་བ་མེད་པའི་དོན། བསྡུས་ན། རྣམ་དག་ཅེས་འབྲི།
|
| Example
|
བསམ་པ་རྣམ་པར་དག་པ་ཞེས་དང་། གཞུང་ལུགས་རྣམ་པར་དག་པ་ཞེས་པ་ལྟ་བུ།
|
རྣམ་པར་དག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། བདེ་གཤེགས་སྙིང་པོའི་སྤྲོས་མེད་ཀྱི་མཚན་ཉིན་བཅུའི་ཡ་གྱལ་འཕོ་འགྱུར་མེད་པའི་ཆ་ནས་བཏགས་པ་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ལས། རྣལ་འབྱོར་ཅན་གྱི་བློ་ངོ་ལ་ལམ་བསྒོམས་ཏེ་དྲི་མ་རྣམས་རྣམ་པར་དག་པར་ཡང་འགྱུར་རོ། །ཞེས་འབྱུང་ངོ་། །
|
| Domain
|
ཆོས་ལུགས།
|