80612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་དག་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གཅིག་ལས་བྱུང་བ་སྟེ། ཆོས་ཟབ་མོ་འཇུག་པ་རྣམ་པར་དག་པ། དགེ་བའི་བཤེས་གཉེན་དང་འགྲོགས་པ་རྣམ་པར་དག་པ། སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བཟུང་བ་རྣམ་པར་དག་པ། ནམ་མཁའི་དབྱིངས་རྣམ་པར་སྒོམ་པ་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ལ་འཇུག་པ་རྣམ་པར་དག་པ། མཐའ་དང་དབུས་མེད་པའི་སེམས་རྣམ་པར་དཔྱད་པ་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གྲོགས་བྱ་བའི་དགེ་བའི་རྩ་བ་རྣམ་པར་དག་པ། བསྐལ་པ་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པ་རྣམ་པར་དག་པ། དུས་གསུམ་ཐམས་ཅད་རབ་ཏུ་བརྟགས་པ་རྣམ་པར་དག་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ནན་ཏན་དུ་བྱ་བ་རྣམ་པར་དག་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་དག་པའི་ཆོས་བཅུ་

|; |@@@ | | }}