80619

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་དག་པའི་ཚུལ་ཁྲིམས་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཚུལ་ཁྲིམས་རྣམ་པ་བཅུ་སྟེ། ༡ དགེ་སྦྱོང་གི་ཚུལ་དང༌། རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་ཡིན་གྱི། འཚོ་བ་འདོད་པའི་ཕྱིར་མ་ཡིན་པས་དང་པོ་ཉིད་ནས་ལེགས་པར་བླངས་པ་དང་འགལ་བ་བྱས་པ་ལ་ཆུང་ངུ་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན་པ། ༢ གནས་མ་ཡིན་པར་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཐལ་བ་མ་ཡིན་པ། ༣ གཉིད་ཀྱི་བདེ་བ་དང༌། གློས་འབེབས་པའི་བདེ་བ་དང༌། ཉལ་བའི་བདེ་བ་ཉམས་སུ་མི་ལེན་པ་དང༌། ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་ཕྱིར་ལེ་ལོ་མེད་པ། ༤ སྔ་མ་བཞིན་དུ་ཡན་ལག་ལྔའི་བག་ཡོད་པ་ལ་བརྟེན་པས་བག་ཡོད་པས་ཡོངས་སུ་ཟིན་པ། ༥ རྙེད་པ་དང༌། བཀུར་སྟི་ལ་ཞེན་པ་མེད་པ་དང༌། ལྷ་ཉིད་དུ་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་སྨོན་ལམ་ལེགས་པར་བཏབ་པ། ༦ སྤྱོད་ལམ་དང༌། འཕྲལ་གྱི་བྱ་བ་དང༌། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ལ་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཤིན་ཏུ་ཕུན་སུམ་ཚོགས་ཤིང་འཚམ་པའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ། ༧ ཚུལ་འཆོས་པ་ལ་སོགས་པ་ལོག་པར་འཚོ་བར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་འཚོ་བ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ། ༨ འདོད་པའི་བསོད་སྙོམས་དང༌། བདག་ཉིད་དུབ་པར་བྱེད་པའི་རྗེས་སུ་སྦྱོར་བ་རྣམ་པར་སྤངས་པའི་ཕྱིར་མཐའ་གཉིས་རྣམ་པར་སྤངས་པ། ༩ མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་རྣམ་པར་སྤངས་པའི་ཕྱིར་ངེས་པར་འབྱིན་པ། ༡༠ ཉམས་པར་མི་བྱེད་ཅིང་མེད་པར་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཡོངས་སུ་མ་ཉམས་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་དག་པའི་ཚུལ་ཁྲིམས་རྣམ་པ་བཅུ་

|; |@@@ | | }}