80621

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་སོ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། ༡ ལྷག་པའི་བསམ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢ སྨོན་ལམ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣ དགེ་བའི་རྩ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༤ ཡོངས་སུ་བསྔོ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༥ ཐོས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༦ ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༧ སྤྱོད་ཡུལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༨ དྲན་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༩ ཐབས་ལ་མཁས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༠ སེམས་ཅན་ལ་དམིགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༡ མཚན་མ་ལ་དམིགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༢ གཏོང་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༣ སེམས་ཅན་རྗེས་སུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༤ བྱམས་པ་ཆེན་པོ་ཡང་དག་པར་འགྲུབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༥ སྙིང་རྗེ་ཆེན་པོ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༦ དགའ་བ་དང་བཏང་སྙོམས་ཆེན་པོ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༧ ཚུལ་ཁྲིམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༨ ཚུལ་ཁྲིམས་ཀྱིས་རྗེས་སུ་འཛིན་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༡༩ བཟོད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༠ བཟོད་པས་རྗེས་སུ་འཛིན་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༡ བརྩོན་འགྲུས་ཀྱི་བསམ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༢ བརྩོན་འགྲུས་ཡང་དག་པར་ལེན་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༣ ཁམས་ལ་མཁས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༤ བསམ་གཏན་ལ་མཁས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༥ ཞི་གནས་ལ་མཁས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༦ ཤེས་རབ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༧ ཐོས་པ་རྣམ་པར་ངེས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༨ འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་ངེས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༢༩ ཤེས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣༠ འདུས་བྱས་དང་། འདུས་མ་བྱས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣༡ ལྷག་མཐོང་ལ་མཁས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣༢ རིག་པ་དང་། རྣམ་པར་གྲོལ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣༣ མི་སྐྱེ་བ་ལ་བཟོད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣༤ མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣༥ དོན་དམ་པ་དང་། ཀུན་རྫོབ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། ༣༦ འདུན་པ་དང་། བརྩོན་འགྲུས་ཚད་མེད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་སོ་དྲུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་སོ་དྲུག་པོ་དེ་དག་དང་ལྡན་ན་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་འཛིན་འཐོབ་བོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་སོ་དྲུག་

|; |@@@ | | }}