8063

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་ལས་བྱུང་བ་སྟེ། འཇིག་རྟེན་ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་འཚོ་བའི་ཡོ་བྱད་ཀྱིས་བྲེལ་པས་འཚོ་བའི་རྐྱེན་གྱི་ཉོན་མོངས་པ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཚུལ་ཁྲིམས་ཉམས་ཤིང་ཁ་ན་མ་ཐོ་བ་མང་པ་བྱེད་པ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཕྱིན་ཅི་ལོག་ཏུ་ལྟ་ཞིང་འཇིག་རྟེན་གྱི་ལྟས་བཟང་ངན་ལ་ཆགས་ཏེ་ལུས་དང་སེམས་མ་དུལ་བ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་སེམས་གཡོ་ཞིང་རྒོད་པས་འཕགས་པ་ལ་མི་གཞོལ་ཏེ་དབང་པོ་རྒོད་པ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཕྲ་མ་བྱེད་པ་ལས་དགའ་བས་དབྱེན་བྱེད་པ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ངག་རྩུབ་པོས་འཕགས་པ་ལ་སྨོད་ཅིང་དབང་ཟ་བ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཚིག་འཁྱལ་པ་དང་བརྫུན་དུ་སྨྲ་བ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཆགས་དང་ཕྲག་དོག་གིས་གཞན་གྱི་ཁེ་དང་བསྟི་སྟངས་དང་། རྙེད་པ་ལ་མི་དགའ་བ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཞེ་སྡང་དང་བཅས་པས་སེམས་ཅན་ལ་གནོད་སེམས་བསྐྱེད་པ། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ལོག་པར་ལྟ་བ་དང་བཅས་པས་རྒྱུ་དང་འབྲས་བུ་མེད་པར་བལྟ་བ།
Domain ཆོས་ལུགས།

{{#arraymap:གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་

|; |@@@ | | }}

གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ (2)
Part of speech མིང་ཚིག
Definition ལས་སུ་བྱ་བའི་དངོས་པོ་ལ་དགའ་ཞིང་ཆགས་པ། བྲེ་མོའི་གཏམ་ལ་དགའ་ཞིང་ཆགས་པ། གཉིད་ཀྱིས་ལོག་པ་ལ་དགའ་ཞིང་ཆགས་པ། ཟང་ཟིང་ཚོལ་བ་ལ་དགའ་ཞིང་ཆགས་པ། གཟུགས་བཟང་པོ་ལ་དགའ་ཞིང་ཆགས་པ། སྒྲ་སྙན་པ་ལ་དགའ་ཞིང་ཆགས་པ། དྲི་ཞིམ་པ་ལ་དགའ་ཞིང་ཆགས་པ། རོ་ཞིམ་པ་ལ་དགའ་ཞིང་ཆགས་པ། རེག་བྱ་འཇམ་པོ་ལ་དགའ་ཞིང་ཆགས་པ། རྟོག་པ་དང་དཔྱོད་པ་ལ་དགའ་ཞིང་ཆགས་པ།

{{#arraymap:གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་

|; |@@@ | | }}