80630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་དག་པའི་ཤེས་རབ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ དེ་ཁོ་ནའི་དོན་ཇི་སྙེད་ཡོད་པ་དང༌། ཇི་ལྟར་ཡོད་པ་བཞིན་དུ་འཛིན་པའི་ཕྱིར་དེ་ཁོ་ནའི་དོན་རྣམ་པ་གཉིས། ༢ རྒྱུ་དང་འབྲས་བུ་ལེགས་པར་འཛིན་པའི་ཕྱིར། འཇུག་པའི་དོན་རྣམ་པ་གཉིས། ༣ ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ལེན་པའི་དོན་རྣམ་པ་གཉིས། ༤ བྱ་བ་དང་། བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ཐབས་ཀྱི་དོན་རྣམ་པ་གཉིས། ༥ ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་མཐར་ཐུག་པའི་དོན་ཀྱང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་རྣམ་པ་ལྔ་པོ་རབ་ཏུ་དབྱེ་བ་བཅུ་པོ་འདི་དག་ནི་རྣམ་པར་དག་པ་མཆོག་གིས་རྣམ་པར་དག་པར་རིག་པར་བྱའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་དག་པའི་ཤེས་རབ་རྣམ་པ་བཅུ་

|; |@@@ | | }}