80633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་དག་པའི་སྦྱིན་པ་བཅུ་ (1)
Part of speech མིང་ཚིག
Definition བྱང་ས་ལས། རྣམ་པར་དག་པའི་སྦྱིན་པ་བཅུ་བཤད་དེ། སློང་བ་པོ་འོངས་མ་ཐག་ཏུ་མི་འགྱང་བར་སྟེར་བས་ཐོགས་པ་མེད་པའི་སྦྱིན་པ་དང་། ལོག་ལྟ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུར་མཆོག་ཏུ་མི་འཛིན་པས་མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་དང་། སློང་བ་ན་གང་ཡོད་པ་སྟེར་གྱི་ཡུན་རིང་པོར་བསགས་ནས་དུས་གཅིག་ལ་མི་སྦྱིན་པས་བསགས་པ་མེད་པའི་སྦྱིན་པ་དང་། སློང་མོ་བ་ལ་དམའ་བའི་བསམ་པ་དང་གཞན་ལ་འགྲན་པ་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའི་བསམ་པ་རློམ་སེམས་སྤངས་པས་ཁེངས་པ་མེད་པའི་སྦྱིན་པ་དང་། གྲགས་པ་ནི་རྣམ་རྟོག་ལས་བྱུང་བ་དང་། སྒྲ་ཙམ་དང་འབྲེལ་པ་དང་ལོ་མ་སྐམ་པོ་ལྟ་བུ་ཡིན་པས་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་མི་སྦྱིན་པས་མི་རྟེན་པའི་སྦྱིན་པ་དང་། སྦྱོར་བ་ཡིད་དགའ་ཞིང་དངོས་གཞི་སྦྱིན་པ་ན་སེམས་དང་ལ་རྗེས་བྱིན་ནས་མི་འགྱོད་པ་དང་སྦྱིན་པ་རྒྱ་ཆེན་པོ་མི་ནུས་སོ་ཞེས་བདག་ཉིད་ཁྱད་དུ་གསོད་པ་དང་ཞུམ་པ་མེད་པས་ཞུམ་པ་མེད་པའི་སྦྱིན་པ་དང་། དངོས་པོ་ངན་ཉུང་མི་སྟེར་གྱི་བཟང་མང་གདམ་ནས་སྟེར་བས་ངན་པ་མ་ཡིན་པའི་སྦྱིན་པ་དང་། མཛའ་བཤེས་དང་དགྲ་བོ་དང་ཐ་མལ་པ་གསུམ་དུ་མི་འབྱེད་པར་ཐམས་ཅད་ལ་སྙིང་རྗེས་སྙོམས་པར་སྟེར་བས་རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་དང་། སྙིང་རྗེ་ཁོ་ནས་སྟེར་གྱི་ཚེ་འདིར་ཕ་རོལ་གྱི་ལན་ལ་རེ་བ་མེད་པས་ལན་ལ་མི་ལྟ་བའི་སྦྱིན་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པས་སྙིང་པོ་མེད་པས་ཕྱི་མའི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་མི་རེ་བས་རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་ཞེས་བྱ་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་དག་པའི་སྦྱིན་པ་བཅུ་

|; |@@@ | | }}