80641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་དབྱེའི་ཚིག་ལེའུར་བྱས་པ་ (1)
Part of speech མིང་ཚིག
Definition འཕྲོག་བྱེད་བཟང་པོས་མཛད་པའི་རྣམ་པར་དབྱེའི་ཚིག་ལེའུར་བྱས་པ། བལ་པོའི་པཎྜི་ཏ། དཔལ་ས་དབང་བཟང་པོའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་བསྒྱུར། འདིའི་མཛད་པ་པོའི་མཚན་ལ་སེང་གེ་བཟང་པོ་ཞེས་ཀྱང་བྱའོ། ། འདིའི་འགྱུར་བྱང་གི་མཐར་འདི་ཡིས་འགྲོ་བ་ཐམས་ཅད་ལ། ། གསལ་བའི་ཚིག་དང་དགོས་པའི་དོན། ། བདེ་བའི་ལྕེ་དང་སྙན་པའི་ངག ། བདེ་བླག་ཉིད་དུ་སྟེར་བར་ཤོག ། བདེ་ལེགས་སུ་གྱུར་ཅིག ། འདི་ལ་རྟགས་མ་ཕྱེད་པ་ལ་སོགས་པ་བསྟན་བཅོས་ལའང་མི་ལེགས་པ་འགའ་རེ་ཡོད་ཅིང་། འགྱུར་མ་དག་པ་ཡང་བག་རེ་སྣང་ཡང་། ལས་དང་པོ་ལ་ཕན་ཆེ་བར་སྣང་བས་བྲིས་པའོ། །ཞེས་དང་། དེའི་མཐར་ཙནྡྲ་པའི་བྱིངས་ཀྱི་སྐོར་མཇུག་ཏུ་དཔལ་ལྡན་བློ་གྲོས་བརྟན་པས་བར་སྐབས་སུ་སྨྲས་པའོ་ཞེས་འཁོད་པའི་ཚེག་ཁྱིམ་བཞི་བརྒྱ་ལྷག་ཅན་གྱི་དུམ་བུ་གཅིག་བཞུགས། ཡང་ཆོས་ཚན་འདིའི་འཕྲོར་བུ་སྟོན་དཀར་ཆག་ཏུ་ལུང་དུ་སྟོན་པ་ཙནྡྲ་པའི་ཏི་སོགས་དང། སི་སོགས་དྷརྨ་ཤྲཱི་བྷ་དྲའི་འགྱུར་བསྣན་ཞེས་དང་། སྡེ་དཀར་དུ་དེ་མ་བྱུང་ཞེས་འཁོད་པ་འདི་འོག་ཏུ་གསར་བཅུག་སྐབས་འཁོད་པའི་ཆོས་ཚན་ ༣༦༨༩ པ་དེ་ཡིན་ནམ་སྙམ། བསྟན་འགྱུར་སྒྲ་མདོ་ར་པར་བཞུགས།

{{#arraymap:རྣམ་པར་དབྱེའི་ཚིག་ལེའུར་བྱས་པ་

|; |@@@ | | }}