80659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་བྱང་བ་བསྒྲུབ་པར་དཀའ་བ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། མི་བྱེད་ཅིང་ཡལ་བར་བོར་བས་བྱེད་མི་ནུས་པ། གཞན་གྱི་དོན་ལ་གཞན་གྱིས་གཞན་ལ་བཅོལ་བ་ལ་བརྟེན་པས་བསྒྲུབ་ཏུ་མི་རུང་བ། གང་གི་ཕྱིར་དེ་མ་བྱས་ཀྱི་བར་དུ་བདག་གི་སེམས་ཀྱི་རྣམ་པར་བྱང་བ་དེ་ལ་སྡུག་བསྔལ་ལས་གྲོལ་བར་འགྱུར་བའི་བདེ་ལེགས་ཀྱི་རང་བཞིན་མེད་པའི་ཕྱིར་དེ་མི་བྱར་མི་རུང་བ། སྡིག་པའི་ལས་རྣམས་ཚེ་འདི་ལ་མ་བྱས་པ་གང་ཡིན་པ་དེ་ཙམ་གྱིས་རྣམ་པར་བྱང་བ་དེ་བྱས་པར་མི་ཆུད་དེ། ཚེ་འདི་ལ་དེའི་གཉེན་པོའི་ལམ་རིམས་ནད་མེད་པ་ཐོབ་པར་མ་གྱུར་གྱི་བར་དུ་སྔོན་བྱས་པའི་མི་དགེ་བའི་ལས་རྣམ་པར་བྱང་བར་མི་འགྱུར་བ། རྣམ་པར་བྱང་བ་ནི་སློབ་པ་དང་མི་སློབ་པའི་ལམ་ཐོབ་པས་རབ་ཏུ་ཕྱེ་བའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་བྱང་བ་བསྒྲུབ་པར་དཀའ་བ་རྣམ་པ་ལྔ་

|; |@@@ | | }}