80662

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། རང་བཞིན་གྱིས་རྣམ་པར་བྱང་བ་ནི། དེ་བཞིན་ཉིད་དོ། །དྲི་མ་མེད་པར་རྣམ་པར་བྱང་བ་ནི། དེ་བཞིན་ཉིད་དེ་ནམ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་དྲི་མ་གློ་བུར་དང་བྲལ་བར་གྱུར་པའོ། །དེ་ཐོབ་པའི་ལམ་རྣམ་པར་བྱང་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །དེ་སྐྱེད་པ་ལ་དམིགས་པའི་རྣམ་པར་བྱང་བ་ནི། ཐེག་པ་ཆེན་པོའི་ཆོས་བཤད་པ་ཐམས་ཅད་དང་དེ་ཉན་པ་དང་སེམས་པར་བྱེད་པའོ་ཞེས་བཤད་དོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་

|; |@@@ | | }}