8068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་པ་བཅུ་གཉིས་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུུང་བ་སྟེ། ༡ རིགས་ལ་གནས་པ། ༢ མོས་པས་སྤྱོད་པ་ལ་གནས་པ། ༣ རབ་ཏུ་དགའ་བ་ལ་གནས་པ། ༤ ལྷག་པའི་ཚུལ་ཁྲིམས་ལ་གནས་པ། ༥ ལྷག་པའི་སེམས་ལ་གནས་པ། ༦ ལྷག་པའི་ཤེས་རབ་ལ་གནས་པ་གསུམ་པོ་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང༌། བདེ་བ་དང་ལྡན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང༌། ལྡོག་པ་དང་ལྡན་པའོ། ། ༧ དེ་ལྟར་བྱང་ཆུབ་སེམས་དཔས་གང་གིས་དེ་ལྟར་མཐོང་བ་དང༌། དེ་ཁོ་ན་གང་མཐོང་བ། ༨ དེ་ཁོ་ན་དེ་མ་ཤེས་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་འཇུག་པ། ༩ ཤེས་པས་སྡུག་བསྔལ་མི་འཇུག་པ་དེ་ནི་སྒོ་གསུམ་ནས་ཤེས་རབ་ཀྱིས་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའི་ལྷག་པའི་ཤེས་རབ་ལ་གནས་པ་རྣམ་པ་གསུམ་ཡིན་པ། ༡༠ མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་ལ་རྒྱུན་ཆགས་ཀྱི་ལམ་ལ་འཇུག་པ། ༡༡ མཚན་མ་མེད་པ་ལ་གནས་པ་ཉིད་མངོན་པར་འདུ་བྱེད་པ་མེད་གྱིས་གྲུབ་པའི་ལམ་ལ་འཇུག་པ། ༡༢ སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང༌། བྱང་ཆུབ་སེམས་དཔའི་གནས་མཆོག་ཡོངས་སུ་གྲུབ་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:གནས་པ་བཅུ་གཉིས་

|; |@@@ | | }}