80681

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་འགྱུར་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་དང་འཐབ་མོ་བྱུང་བ་ན་རང་གིས་རང་ལ་འཚོག་པར་བྱེད་པ་ལས་སོ། །དགག་བྱ་ནི་རང་གི་ལུས་སྲོག་ལ་གནོད་པའོ། །དགེ་སློང་མ་ཁྲོ་བས་བདག་ཉིད་ལ་གནོད་པར་བྱེད་པ་སྟེ་རང་གི་ལུས་ལ་རྡེག་པར་བྱེད་ཅིང་ཕོག་ན་ལྟུང་བྱེད་དུ་འགྱུར་རོ། །གནོད་པར་བྱེད་པ་ཞེས་བྱ་བའི་རྣམ་འབྱེད་ལས་དགེ་སློང་མ་གང་འཁྲུགས་ནས་རང་ལ་བརྡེག་ན་ལྟུང་བྱེད་དུ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཁྲོ་བས་བདག་ཉིད་ལ་གནོད་པ་བྱེད་ཅིང་བརྡེག་པར་བྱེད་པ་ནི། མི་བརྟན་པས་རྣམ་པར་འགྱུར་བའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་འགྱུར་བའི་ལྟུང་བྱེད་

|; |@@@ | | }}