80689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་འབྱེད་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅུ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། བོན་ཉིད་ཀློང་ལ་ཡངས་དོག་མེད། །གོལ་སྐྱ་(སྐྱོན་)བསལ་ན་(ནས་)རྒྱུ་འབྲས་བརྩིས། །རྣམ་པར་འབྱེད་པའི་ཕྱག་རྒྱ་ཡིན། །ཞེས་གསུངས་པས། དེའི་ཚིག་དོན་ནི། བོན་ཉིད་ཀྱི་ཀློང་ཡངས་དོག་སོགས་ཀྱི་མཚན་མ་ཐམས་ཅད་རྣམ་པར་དག་པ་ལ་ལོག་པར་གོལ་ཏེ་ཆད་པའི་མཐར་ལྟ་བའི་ཉེས་སྐྱོན་རྣམས་བསལ་ཕྱིར། ཀུན་རྫོབ་ཙམ་དུ་བོན་ཉིད་ཀྱི་སྐྱེ་མཆེད་རྒྱུ་འབྲས་རྟེན་འབྲེལ་གྱི་སྣང་བ་སྣ་ཚོགས་མ་འགག་པ་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་འབྱེད་པའི་ཕྱག་རྒྱ་

|; |@@@ | | }}