8069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་པ་བཅུ་གཉིས་མཐོང་བས་གཞན་དག་དང་རྩོད་པས་སྨྲ་བར་མི་བྱེད་པ་བཅུ་གཉིས་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུབ་པ་ལས་བྱུང་བ་སྟེ། ༡ དམ་པའི་ཆོས་ཀྱི་དོན་གྱི་མཆོག་དང་ལྡན་པ་བཤད་པ་ཀུན་ཤེས་པ་དཀོན་པ། ༢ ཀུན་ཤེས་པར་བྱ་བའི་བསམ་པས་སྨྲ་བ་དཀོན་པ། ༣ ཚོགས་པ་མཁས་པ་དང་རྟོགས་པ་དང༌ལྡན་པ་རྣམས་དཀོན་པ། ༤ ཕྱོགས་ངན་པ་ཡོངས་སུ་འཛིན་ཅིང་མངོན་པར་ཞེན་པའི་ཉེས་པ་རྣམ་པ་དྲུག་སྤངས། ༥ འཁྲུགས་པ་མེད་པར་སྨྲ་བ་དཀོན་པ། ༦ གཞན་གྱི་སེམས་བསྲུང་ཞིང་སྨྲ་བ་དཀོན་པ། ༧ ཏིང་ངེ་འཛིན་རྗེས་སུ་བསྲུང་ཞིང་སྨྲ་བ་དཀོན་པ། ༨ རྒྱལ་བའམ་ཕམ་པའི་སེམས་མེད་པར་སྨྲ་བ་དཀོན་པ། ༩ རྒྱལ་བའམ་ཕམ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་དཀོན་པ། ༡༠ ཀུན་ནས་ཉོན་མོངས་པར་གྱུར་པ་རེག་པར་གནས་པ་དཀོན་པ། ༡༡ རེག་པར་མི་གནས་པ་དགེ་བའི་ཆོས་རྣམས་ལ་རྒྱུན་དུ་བསྒོམ་པ་དཀོན་པ། ༡༢ དགེ་བའི་ཆོས་རྒྱུན་དུ་མི་བསྒོམ་པ་སེམས་མཉམ་པར་མ་བཞག་པ་ལ་མཉམ་པར་གཞག་པ་དང༌། སེམས་མཉམ་པར་གཞག་པ་ལ་རྣམ་པར་གྲོལ་བ་དཀོན་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:གནས་པ་བཅུ་གཉིས་མཐོང་བས་གཞན་དག་དང་རྩོད་པས་སྨྲ་བར་མི་བྱེད་པ་བཅུ་གཉིས་

|; |@@@ | | }}