80693

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་རིག་བྱེད་ (1)
Part of speech མིང་ཚིག
Definition བློའམ་སེམས།
རྣམ་པར་རིག་བྱེད་ (2)
Part of speech མིང་ཚིག
Definition ལུས་ངག་གི་ལས།
རྣམ་པར་རིག་བྱེད་ (3)
Part of speech མིང་ཚིག
Definition ལུས་ངག་གི་ལས་ཤིག་སྟེ། ལུས་དང་ངག་གི་སྤྱོད་པའི་ཚུལ་གྱིས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྙིང་ལ་ཅི་སེམས་པ་གཞན་ལ་གོ་བར་བྱེད་པས་ན་རྣམ་པར་རིག་བྱེད་ཅེས་བྱ་སྟེ། རིག་བྱེད་ནི་རང་ཀུན་ནས་སློང་བའི་བསམ་པ་རིག་པར་བྱེད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་དེ་ཡང་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་དང་། ས་ནི་འདོད་ཁམས་དང་། དཔྱོད་པ་དང་བཅས་པ་བསམ་གཏན་དང་པོ་དག་ན་ཡོད་ཀྱི་དེ་ཡན་ལ་མེད་དོ། །འདོད་པ་ན་ཡང་བསྒྲིབས་པའི་རྣམ་པར་རིག་བྱེད་མེད་ཀྱི་ཚངས་པའི་འཇིག་རྟེན་ཁོ་ན་ན་ཡོད་དོ། །ཚངས་པ་ཆེན་པོ་ལ་ཡང་གཡོས་ཀུན་ནས་བསླང་བའི་ངག་གི་ལས་ཡོད་ལ། དེ་ཡན་ཆད་ན་ངག་གི་རྣམ་པར་རིག་བྱེད་མེད་ལ་སྒྲའི་སྐྱེ་མཆེད་ཕྱིའི་འབྱུང་བ་དག་རྒྱུར་བྱས་པ་ཡོད་དོ། །རྟོག་དཔྱོད་དང་བཅས་པའི་སེམས་ཀྱི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ན། དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་མེད་དོ། ། མདོ་སྡེ་པ་རྣམས་ནི། ལུས་ངག་གི་རང་བཞིན་ནི་ལས་མ་ཡིན་གྱི་འོན་ཀྱང་དེ་དག་གི་དུས་སུའང་སེམས་པ་ཉིད་ལས་ཡིན་ཏེ། སེམས་པ་དགེ་མི་དགེ་བར་གྱུར་ན་ལུས་ངག་མི་དགེ་བ་དང་དགེ་བར་སྣང་ཡང་དོན་དགེ་བ་དང་། སྡིག་པར་འགྱུར་བའི་ཕྱིར་རོ། །འོ་ན་སེམས་པ་དང་བསམ་པའི་ལས་གཉིས་གསུངས་པ་མ་ཡིན་ནམ་ཞེ་ན། སེམས་པ་དང་བསམ་པའི་ལས་ནི་རིམ་པ་ལྟར་རྒྱུ་དང་དུས་ཀྱི་ཀུན་སློང་གི་དབང་དུ་མཛད་ནས་གསུངས་པ་ཡིན་གྱི་ཐམས་ཅད་དུའང་སེམས་པ་ཉིད་ལས་ཡིན་ནོ་ཞེས་བྱ་བར་འདོད་ལ། དོན་འདི་ནི་ཐེག་པ་གོང་མ་པ་ཐམས་ཅད་ཀྱང་བཞེད་པ་ཡིན་ནོ། །
Domain ཆོས་ལུགས།