80699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition ༡ འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལ་བཞི་སྟེ། ༢ གཟུགས་སུ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང༌། མི་ལྕོགས་སུ་མི་རུང་བ་དང༌། བསམ་གཏན་ཟག་པ་ཅན་ལ་སྙོམས་པར་འཇུག་པའི་ཚེ་སྡོམ་པའི་གཟུགས་སྐྱེ་བ་སྟེ། དེ་ནི་བསམ་གཏན་གྱི་སྡོམ་པ་ཞེས་བྱའོ། །༣ ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི། ཟག་པ་མེད་པའི་ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་བརྒྱད་ལ་སྙོམས་པར་ཞུགས་པ་ལས། གང་སྡོམ་པའི་གཟུགས་སྐྱེ་བ་སྟེ། དེ་ནི་ཟག་པ་མེད་པའི་སྡོམ་པ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གསུམ་

|; |@@@ | | }}