80700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ལ་ནང་གི་ཀུན་སློང་ལུས་ངག་གི་རྣམ་འགྱུར་ལས་རིག་མི་ཐུབ་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་སྟེ། མཆིམས་མཛོད་ལས། དང་པོས(ལའང་གསུམ་ལས་མཚན་ཉིད། )ནི། ཀུན་ནས་སློང་བའི་སེམས་ལས་གཞན་དུ་གཡེངས་པའི་སེམས་དང༌། (དེས་རིག་བྱེད་ལས་ཁྱད་པར་དུ་བྱེད་ལ། ) སེམས་མེད་པ་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་གཉིས་པོའི་ཡང་རྗེས་སུ་བྱེད་པ་ཡིན་པ་དང༌། (དེས་ནི་སེམས་སེམས་བྱུང་ལས་ཁྱད་པར་དུ་བྱེད་དོ། །) ཡང་གི་སྒྲས་གཟུང་བ་མ་གཡེངས་པ་སེམས་དང་བཅས་པ་སྟེ། རང་ཀུན་ནས་སློང་བའི་སེམས་ཀྱི་ཚེ་ནའང་(གཏོང་རྒྱུ་མ་བྱུང་གི་བར་དུ་རྒྱུན་ཆགས་སུ། )འབྱུང་ཞིང༌། ངོ་བོ་དགེ་བ་དང་མི་དགེ་བ་གང་ཡང་རུང་བར་ངེས་པ་སྟེ། (ལུང་མ་བསྟན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། ) རྒྱུན་དུ་རྗེས་སུ་འབྲེལ་བ་(དང་ཐོབ་པའི་རྒྱུན་ལའང་དེ་ཙམ་ཡོད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྐྱེད་པ་དང་རྟེན་པ་དང་གནས་པ་དང་འཕེལ་བའི་རྒྱུ་བྱེད་པའི་མུ། )འབྱུང་བ་ཆེན་(པོ་བཞི། )པོ་རྣམས་རྒྱུར་བྱས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མིན་པ་ཉིད་དུ་བརྗོད་དོ། །ཞེས་དང། སེར་སྨད་རྒྱལ་དབང་མཛོད་ལས། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་ཏེ། གནས་སྐབས་ཀྱི་ཁྱད་པར་མ་ཡེངས་པ་དང་སེམས་བཅས་ཀྱི་སྐབས་སུ་འབྱུང་བར་མ་ཟད། གཡེང་བ་དང་སེམས་མེད་པའི་གནས་སྐབས་སུ་ཡང་འབྱུང་བ་དང༌། ངོ་བོའི་ཁྱད་པར་དགེ་མི་དགེ་གང་རུང་ཡིན་པ་དང༌། རྒྱུན་གྱི་ཁྱད་པར་སྔ་མ་ལས་ཕྱི་མ་རྗེས་སུ་འབྲེལ་བ་དང༌། རྒྱུའི་ཁྱད་པར་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཡིན་པའི་ཕྱིར། ཞེས་གསུངས། དོན་གཅིག་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང། བསྟན་མེད་ཐོགས་མེད་ཀྱི་གཟུགས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་

|; |@@@ | | }}

རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ (2)
Part of speech མིང་ཚིག
Definition ཁྱད་ཆོས་ལྔ་དང་ལྡན་པའི་སྒོ་ནས་རང་ཀུན་ནས་སློང་བའི་སེམས་གཞན་གྱིས་ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པར་བྱེད་པ་མ་ཡིན་པ་ཡང་ཡིན། རང་ཉིད་ཀྱི་ཐ་སྙད་འཇུག་པ་གཟུགས་ལ་རག་ལས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེའི་མཚན་ཉིད། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཅན། ཁྱད་ཆོས་ལྔ་དང་ལྡན་ཏེ། ༡༽གནས་སྐབས་ཀྱི་ཁྱད་པར། ༢༽ངོ་བོའི་ཁྱད་པར། ༣༽ དུས་ཀྱི་ཁྱད་པར། ༤༽རྒྱུའི་ཁྱད་པར། ༥༽ངེས་ཚིག་གི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་གཡེངས་པ་དང་སེམས་མེད་སྙོམས་འཇུག་གཉིས་ཀྱི་གནས་སྐབས་ན་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། དགེ་མི་དགེ་གང་རུང་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ་རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བའི་ཕྱིར། བཞི་པ་གྲུབ་སྟེ། རང་གི་རྒྱུར་གྱུར་པའི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་ལས་འབྱུང་བའི་ཕྱིར། ལྔ་པ་གྲུབ་སྟེ། རང་ཀུན་ནས་སློང་བའི་སེམས་གཞན་གྱིས་རྣམ་པར་རིག་པ་མ་ཡིནཔ་ཡང་ཡིན་རང་ཉིད་ཀྱི་ཐ་སྙད་འཇུག་པ་གཟུགས་ལ་རག་ལས་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན། གསུམ་ཡོད་དེ། སྡོམ་པ། སྡོམ་མིན། བར་མའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྣམས་སུ་ཡོད་པའི་ཕྱིར་ཏེ། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་གསུངས་པའི་ཕྱིར།

{{#arraymap:རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་

|; |@@@ | | }}