80704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་རིག་བྱེད་ཡིན་མིན་གཉིས་ཀར་ཡིན་པའི་མི་དགེ་བ་ (1)
Part of speech མིང་ཚིག
Definition མི་དགེ་བའི་ལས་ཀྱི་ལམ་དག་ལས་འདོད་པས་ལོག་གཡེམ་གཅིག་པུ་ནི་རང་ཉིད་ཀྱི་རྣམ་རིག་དང་རྣམ་རིག་མིན་པ་གཉིས་ཀ་ཡིན་ཏེ། ལས་དེ་ནི་བདག་ཉིད་ཀྱིས་བྱས་ན་དངོས་གཞིར་འགྱུར་གྱི་གཞན་བྱེད་དུ་བཅུག་པས་རྫོགས་པ་མ་ཡིན་པའི་ཕྱིར་ཏེ། གཞན་གྱིས་བྱས་པ་ལས་བདག་གིས་བདེ་བ་མི་མྱོང་བས་སོ། །སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་དྲུག་པོ་དེ་དག་ཀྱང་བདག་ཉིད་ཀྱིས་བྱེད་ཅིང་དུས་དེ་ཉིད་ཀྱི་ཚེ་ཤི་བ་ལ་སོགས་པར་གྱུར་ན་ནི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མིན་པ་གཉིས་སུ་འགྱུར་རོ། །བདག་ཉིད་ཀྱིས་བྱས་ཀྱང་སེམས་ཅན་དེ་དུས་ཕྱིས་ཤི་ན་ནི་རིག་བྱེད་མ་ཡིན་པ་ཁོ་ནར་འགྱུར་ཏེ། སྦྱོར་བའི་ཚེ་དངོས་གཞི་མ་བྱུང་བའི་ཕྱིར་དང་། དངོས་གཞིའི་ཚེ་རིག་བྱེད་མེད་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་རིག་བྱེད་ཡིན་མིན་གཉིས་ཀར་ཡིན་པའི་མི་དགེ་བ་

|; |@@@ | | }}