80710

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་རྒྱལ་བའི་ཁང་བཟང་ (1)
Part of speech མིང་ཚིག
Definition རི་རབ་ལྷུན་པོའི་སྟེང་ན། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཡོད་ཅིང་། དེའི་དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་རིན་ཆེན་སྣ་ཚོགས་ལས་གྲུབ་པ། གྲུ་བཞི་ཡིན་པ། དེའི་ངོས་རེ་ལ་དཔག་ཚད་ལྔ་བཅུ་དང་འཕངས་སུ་དཔག་ཚད་ཕྱེད་དང་ལྔ་ཡོད་པ། རིན་པོ་ཆེའི་བ་གམ་བརྒྱ་རྩ་གཅིག་གིས་བསྐོར་བ། དེའི་ཕྱི་རོལ་དུ་གསེར་གྱི་ལྕགས་རི་རེ་ལ་དཔག་ཚད་གཉིས་སྟོང་ལྔ་བརྒྱ་དང་འཕངས་སུ་ཕྱེད་དང་གཉིས་འཕགས་པ། ས་གཞི་གསེར་གྱི་རང་བཞིན་ལ་རིན་པོ་ཆེ་སྣ་ཚོགས་པ་མདངས་མི་འདྲ་བ་བརྒྱ་རྩ་གཅིག་གིས་བཀྲ་ཞིང་ཤིང་བལ་ལྟར་འཇམ་པ། དེའི་ངོས་གཞི་རིན་པོ་ཆེའི་ཀ་བ་ཁྲི་དྲུག་སྟོང་གིས་བཏེགས་པའི་གདུང་ཕྱམ་དུ་བྲེས་པའི་རྩིག་སྐྱོབ་ཅན། ཕྱོགས་བཞིའི་སྒོ་ཆེན་པོ་བཞི་ན་ལྷའི་བུ་གོ་ཆ་གྱོན་པ་ལྔ་བརྒྱ་རེས་སྲུང་བ་ཞིག་ཡིན་པར་བཤད།
Domain ཆོས་ལུགས།

{{#arraymap:རྣམ་པར་རྒྱལ་བའི་ཁང་བཟང་

|; |@@@ | | }}